作曲 : 让兄多杰 作词 : 北·萨特 ࿄࿄࿄  འདི་ནས་ཡར་ལ་གཟིགས་དང་། ཤེལ་དཀར་གྱི་གངས་རི་ལ་སྤྲིན་དཀར་གྱིས་སྐེ་རག་བཅིངས་ས། མེ་ཏོག་གི་སྤང་གཞུང་ལ་མཇའ་མཚོན་གྱི་རྨི་ལམ་འཁྲུངས་ས། ལྷུང་ལྷུང་གི་རྫ་ཆུ་ལ་ཁུ་བྱུག་གི་གསུང་སྙན་འཁྱིལ་ས། འདི་ནི་གངས་ཅན་བོད་ཡུལ་དེ། སྐྱིད་དུས་འཛུམ་ཆུང་བཀྲོལ་སའི་ཕ་ཡུལ་དང སྡུག་དུས་སྐྱོ་གླུ་ལེན་སའི་རང་ཁྱིམ་ཡིན། ཨ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ཕ་ཡུལ་ལགས། ང་ནི་ཁྱེད་ཀྱི་པང་ནས་འཚར་བའི་བུ་ཆུང་དེ་ཡིན། ཁྱེད་ནི་ང་ཡིས་སེམས་ཀྱིས་སྲུང་བའི་ལོགས་མལ་དེ་ཡིན། སྤུན་ཟླ་ཚོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ གསེར་མདོག་གི་ཕ་གཞིས་འདིའི་ཆེད་དུ།  རང་ས་རིང་གིས་སྐྱོང་རོགས། སྤུན་ཟླ་ཚོ།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་ ལྗང་མདོག་གི་ཞིང་ཁམས་འདིའི་ཆེད་དུ།  ཁོར་ཡུག་སྲུང་སྐྱོབ་གནང་རོགས། ࿄࿄࿄  འདི་ནས་ཕར་ལ་གཟིགས་དང་། གཡུ་མདོག་གི་མཚོ་མོ་ལ་རླབས་དཀར་གྱིས་ཡོལ་བ་འཐེན་ས། གནམ་སྔོན་པོའི་མཐའ་ལ་ཤེས་རབ་ཀྱི་གཤོག་པ་འབྲི་ས། དྭངས་གཙང་གི་ཆུ་ལ་གསེར་མིག་གི་ཉ་མོ་འཁོར་ས། འདི་ནི་ཁྲི་ཤོར་རྒྱལ་མོ་དེ། དར་དུས་གཏེར་གྱི་གཏམས་པའི་ལྷ་མཚོ་དང་། རྒུད་དུས་ཕྱག་གིས་གཞལ་བའི་བླ་མཚོ་ཡིན། ཨ་་་་་་་་་་་་་་་་་་་་་་་་་་ བླ་མཚོ་ལགས། ང་ནི་ཁྱེད་ཀྱི་དྲིན་ཀྱིས་གསོས་པའི་བུ་ཆུང་དེ་ཡིན། ཁྱེད་ནི་ང་ཡི་དད་པས་བསྒྲོན་པའི་ཡིད་ཆེས་དེ་ཡིན། ན་མཉམ་ཚོ་་་་་་་་་་་་་་་་་་་་ གསེར་གྱི་ཉི་མ་འཛུམ་སའི་ཕ་ཡུལ་འདིའི་ཆེད་དུ། མཚོ་ལ་གད་སྙིགས་མ་འཕེན། ན་མཉམ་ཚོ་་་་་་་་་་་་་་་་་་་་ དུང་གི་ཟླ་བ་ཤར་སའི་མཚོ་མོ་འདིའི་ཆེད་དུ།  ཉ་མོ་ལྕགས་ཀྱུས་མ་འགུག  ཉ་མོ་ལྕགས་ཀྱུས་མ་འགུག RengTsing文化传媒