作曲 : 桑达合 作词 : 周拉加 ལུག་རྫི་བུ་མོ། 牧羊姑娘 ཚིག འབྲུག་ལྷ་རྒྱལ།(འབྲོང) 词:周拉加 དབྱངས། གསང་བདག 曲:桑达合 གཞས་པ་། རིག་བཟང་ལྷ་མོ། 歌手:仁桑拉姆 ཞོགས་པའི་ཉི་ཟེར་རི་བོས་མ་མཐོང་གོང། 清晨的阳光没来得及照在山上 རི་ཞོལ་སྨུག་པ་མཁའ་ལ་མ་ཡལ་གོང། 山上的云雾没来得及空中飘散 ཆུང་ཆུང་བུ་མོ་ལུག་ཁྱུའི་མཐའ་ན་ཡོད། 幼小的牧羊姑娘在羊群旁边 གཡང་དཀར་འབའ་སྒྲས་ལུས་པོ་བཏུམ་ནས་ཡོད། 羊群的叫声覆盖了姑娘的全身 སྙན་པའི་གླུ་ཆུང་དྭངས་མོའི་དབྱངས་འགྲོས་ཀྱིས། 优美歌声里清润的旋律 རྩྭ་རྩིའི་ཟིལ་ཆུ་ནམ་མཁའི་དབྱིངས་ལ་གཏོར། 清晨的露水融化在高空中 སེམས་ཀྱི་སྤང་ཐང་སྔོན་མོ་བརླན་ནས་ཡོང། 湿润了心中的大美草原 རེ་བའི་མེ་ཏོག་ཆུང་ཆུང་བཞད་ནས་ཡོད། 盛开着小小的希望之花 ཨ་་་་་་་ལུག་རྫི་བུ་མོ། ཞོགས་པའི་ཉི་ཟེར་དང་པོ། 啊~牧羊姑娘,早晨的第一丝阳光 ཉི་མའི་ཕྱི་མིག་མཁའ་མཐར་འཁྱུད་པའི་དུས། 阳光回目快要落山的时候 རི་ཆེན་གྲིབ་མས་སྤང་ཐང་གཡོགས་པའི་དུས། 大山的阴影快要覆盖了草原 ཆུང་ཆུང་བུ་མོ་ལུག་ཁྱུའི་རྗེས་ན་ཡོད། 幼小的牧羊姑娘还在羊群后面 རླུང་བུ་འཇམ་པོས་ལམ་བུ་བསྐྱོད་ནས་ཡོད། 轻轻的风儿刮在路边 འུར་རྡོ་དལ་གྱིས་ཕངས་པའི་ཟིར་སྒྲ་ཡིས། 慢慢投石头的声音 ནམ་མཁའི་སྐར་ཚོགས་ཟླ་བའི་གམ་ལ་དེད། 空中的星群都赶在月亮边 སྐྱིད་པའི་འཛུམ་ཆུང་དྲོན་མོ་བཞད་ནས་ཡོད། 显示着微微的幸福微笑 ཡིད་ཀྱི་རྨི་ལམ་དྭངས་མོ་རྨིས་ནས་ཡོད། 依然做着淳朴的梦 ཨ་་་་་་་ལུག་རྫི་བུ་མོ།དགོང་མཁའི་སྐར་ཆེན་དང་པོ། 啊~牧羊姑娘,夜晚的长庚星