作曲 : 才东 作词 : 叶拉太 གཅན་ཚ་མདའ་བའི་བུ་རྒྱུད།神箭之乡 ཚིག རྨེ་རུ་ཡུལ་ལྷ་ཐར།作词:叶拉太 དབྱངས། ཚེ་དོན།作曲:才东 ལེན་མཁན། པདྨ་མཚོ།演唱:班玛措 སྟོད་ན་སྲིན་པོ་རྫ་རིའི་རྔམ་བརྗིད་མཐོ་ཞིང་།།美如申宝山上方神宝石山显声势 སྨད་ན་རྨ་ཀླུང་སྔོན་མོས་འཁྱུག་རྩལ་ངོམ་པ།།下方湛蓝黄河轻游荡 ཞིང་འབྲོག་ཉིས་འཛོམས་ཕ་ས་གཡང་གི་ར་བ།། 农牧兼有父辈财富之地 རྨ་འགྲམ་བདེ་ལྡན་ཞིང་མཆོག་ལ་གཅན་ཚོ་བ།།黄河边仙界拉尖部落 སྟག་ཤར་གཞོན་པས་ཕྱི་ཡི་ལ་རྒྱ་སྲུང་ཡོད།།青壮男子守护着外有的尊严 སྨན་ཤར་བུ་མོས་ནང་གི་སྲོལ་བཟང་བསྐྱངས་ཡོད།།青壮女子弘扬内有的正气 རྒན་དང་བྱིས་པས་བར་གྱི་སྤྱོད་ལམ་བཟུང་བ།།老人儿童坚守已有的行为 ཚ་ཆེན་བཅོ་བརྒྱད་ནང་ནས་གཅན་ཚ་བརྗིད་པ།།察氏十八支中尖扎最酷 ཨ། ལ་གཅན་པ་ཡི་ཕ་ས།啊,拉尖氏族的发源地 ཡུལ་སྣ་ཕྱི་འཛོམས་ནང་འཛོམས།具备圣地内外之优点 ༜༜༜ མེས་པོ་སྤྲེལ་ལས་མཆེད་པས་རིགས་རྒྱུད་གཙང་བ།།猿猴延伸的纯正氏系 བཙན་པོའི་མཐའ་མཚམས་སྲུང་བས་བློ་སྣ་དཀར་བ།།守护吐蕃边界显忠诚 བསྟན་པའི་མེ་རོ་གསོ་ས་གཅན་ཚ་ཉིན་སྲིབ།།佛教发扬之地尖扎山南山北 རིགས་བཟང་སྲོག་གི་ཀ་བ་མདའ་བའི་བུ་རྒྱུད།།名族命脉达巴后代 ཕྱི་རུ་རི་བོ་སྟོང་གིས་ལྕགས་རི་བསྐོར་ཞིང་།།外面众山相围众志成城 ནང་དུ་མཐུན་སྒྲིལ་ཟམ་པས་ལག་རྡང་སྦྲེལ་ཡོད།།内部团结一心手牵着手 བར་གྱི་ལྷག་བསམ་དྭངས་མའི་གཞུ་མོའི་སྟེང་ལ།།中间真诚忠心的弓之上 རྒྱུད་དྲང་ལྷ་མདའ་དཀར་མོ་ལྟོང་ལ་སྦྲན་ཡོད།།引有正直善良的神箭 ཨ། མདའ་མོ་གཡང་གི་རྫོང་ཆེན།啊,神箭富有之县 སེམས་པ་ཕྱི་སྦྲེལ་ནང་སྦྲེལ།内外团结一心 ཕྱི་རུ་རི་བོ་སྟོང་གིས་ལྕགས་རི་བསྐོར་ཞིང་།།外面众山相围众志成城 ནང་དུ་མཐུན་སྒྲིལ་ཟམ་པས་ལག་རྡང་སྦྲེལ་ཡོད།།内部团结一心手牵着手 བར་གྱི་ལྷག་བསམ་དྭངས་མའི་གཞུ་མོའི་སྟེང་ལ།།中间真诚忠心的弓之上 རྒྱུད་དྲང་ལྷ་མདའ་དཀར་མོ་ལྟོང་ལ་སྦྲན་ཡོད།།引有正直善良的神箭 ཨ། མདའ་མོ་གཡང་གི་རྫོང་ཆེན།啊,神箭富有之县 སེམས་པ་ཕྱི་སྦྲེལ་ནང་སྦྲེལ།内外团结一心 གཅན་ཚ་མདའ་མོ་གཡང་རྫོང་།神箭之乡