བོད་པ་ཆང་། ལེན་མཁན།རྡོ་རེད་དང་མགོན་པོ་བསམ་གྲུབ། ཚིག།རྨ་འོད།དབྱངས།རྡོ་རེད། ལྷ་སྐལ་སྤྱན་རས་གཟིགས་དབང་ཡོད།། ཆོས་སྐལ་མ་ཎི་ཡིག་དྲུག་ཡོད།། ཡིག་སྐལ་དབྱངས་གསལ་སོ་བཞི་ཡོད།། འཛམ་གླིང་ཞི་བདེའི་ཁྱིམ་ཆེན་ཡིན།། ལྷ་ཆོས་དགེ་བཙུའི་ལུགས་བཟང་ཡོད།། མི་ཆོས་གཙང་མའི་སྲོལ་བཟང་ཡོད།། རང་བྱུང་ཁོར་ཡུག་འཛོམས་པོ་ཡོད།། འཛམ་གླིང་ཆགས་པའི་གཡང་རྟེན་ཡིན།། ལྟ་ས་ཆོས་ཀྱི་ཞིང་ས་ཡོད།། དབུས་གཙང་སྨན་གྱི་ཕ་ས་ཡོད།། ཨ་མདོ་གདེར་གྱི་གཞི་ས་ཡོད།། འཛམ་གླིང་སྙིང་གི་ནོར་བུ་ཡིན།། ལྷ་སྐལ་སྤྱན་རས་གཟིགས་དབང་ཡོད།། ཆོས་སྐལ་མ་ཎི་ཡིག་དྲུག་ཡོད།། ཡིག་སྐལ་དབྱངས་གསལ་སོ་བཞི་ཡོད།། འཛམ་གླིང་ཞི་བདེའི་ཁྱིམ་ཆེན་ཡིན།། ལྷ་ཆོས་དགེ་བཙུའི་ལུགས་བཟང་ཡོད།། མི་ཆོས་གཙང་མའི་སྲོལ་བཟང་ཡོད།། རང་བྱུང་ཁོར་ཡུག་འཛོམས་པོ་ཡོད།། འཛམ་གླིང་ཆགས་པའི་གཡང་རྟེན་ཡིན།། ལྟ་ས་ཆོས་ཀྱི་ཞིང་ས་ཡོད།། དབུས་གཙང་སྨན་གྱི་ཕ་ས་ཡོད།། ཨ་མདོ་གདེར་གྱི་གཞི་ས་ཡོད།། འཛམ་གླིང་སྙིང་གི་ནོར་བུ་ཡིན།།