作曲 : 谢旦 作词 : 向巴多吉 ལེན་མཁན། ཚེ་དབང་ལྷ་མོ། སྟོད་མངའ་རིས་མེས་པོའི་ཡུལ་ནས།། གངས་དཀར་པོ་ཏི་སེ་མཇལ་དུས།། མགོ་ཞྭ་མོ་ལག་ལ་བཟུང་ནས།། སེམས་དག་པས་སྨོན་ལམ་བཏབ་ཡོད།། ལུས་མི་དགེ་བར་ཆད་ཞི་དགོས།། བར་དབུས་གཙང་ཆོས་ཀྱི་ཞིང་ནས།། ལྷ་ཆེན་པོ་ཇོ་བོ་མཇལ་དུས།། ལག་ཐལ་མོ་སྙིང་ཁར་སྦྱར་ནས།། སེམས་དག་པས་སྨོན་ལམ་བཏབ་ཡོད།། ངག་མི་དགེ་སྒྲིབ་པ་དག་དགོས།། སྨད་མདོ་ཁམས་ས་ལའི་ལྗོངས་ནས།། ཆོས་ཆེན་པོའི་ཆར་པ་འབབ་དུས།། ལུས་སྡོང་པོ་ས་ལ་འགྱེལ་ནས།། སེམས་དག་པས་སྨོན་ལམ་བཏབ་ཡོད།། ཡིད་མི་གཙང་དྲི་མ་སངས་དགོས།། 吉祥祝福 穿过辽阔的上阿里草原