作曲 : 三智才让 作词 : 斗拉加 འཚོ་བྱེད་གཞོན་ནུའི་རང་མདངས། 仁医本色 ཚིག་རྩོམ་མཁན། སྟག་ལྷ་རྒྱལ། 作词:斗拉加 དབྱངས་རྩོམ་མཁན། ་མགར་བསམ་འགྲུབ་ཚེ་རིང་། 作曲:三智才让 ལེན་མཁན། མགར་བསམ་འགྲུབ་ཚེ་རིང་དང་མེ་ཏོག་ལྷ་མོ། 演唱:三智才让 美朵拉毛 ༡ལྷ་རྗེ་ལགས། དང་པོ་རྨ་རྫ་ཟལ་མོ་སྒང་གི་འབྲོག་ཐང་ནས། ཨ་ལྕགས་འབྲི་ལས་མཆེད་པའི་མི་བུ་སྙིང་སྟོབས་ཅན། གནའ་དེང་གསོ་རིག་ནོར་བུའི་ཞིང་ཁམས་རིམ་གྱིས་འགྲིམས། སྙིང་རྗེ་རྒྱུད་ལ་འཁྲུངས་ཤིང་ཤེས་རབ་བློ་ལ་འཕེལ། 最初河源山岗草原处 智氏家族诞生一勇者 求学钻研古今藏医学 萌发慈悲大爱显智慧 ༢ལྷ་རྗེ་ལགས། བར་དུ་གསོ་རིག་མཛད་འཕྲིན་མདོ་སྨད་ཕྱོགས་སུ་སྤེལ། རྨ་རྒྱལ་གངས་རིའི་འདབས་ནས་ཙོང་ལ་རིང་མོའི་བར། འཚོ་བྱེད་ཀུན་ཕན་གླིང་ཞེས་དགའ་ཚལ་མང་དུ་བསྐྲུན། བཞི་བརྒྱ་རྩ་བཞིའི་ནད་གདོན་མ་ལུས་དྲུང་ནས་འབྱིན། 随后藏医事业扬安多 玛卿山至宗喀长廊处 主持建立众多藏医院 解忧民众病痛无数个 ༣ལྷ་རྗེ་ལགས། མཐའ་མར་དུས་དབང་རླུང་འཚུབ་རྒོད་པའི་བར་གསེང་ནས། མདོ་ཁམས་ཡུལ་འདིར་གསོ་རིག་སློབ་གླིང་ཐོག་མ་བཙུགས། དཔལ་ལྡན་རྒྱུད་བཞིའི་དགོངས་པ་བུ་སློབ་སྟོང་ལ་བསྩལ། ངེས་དོན་སྐྱེས་ཆེན་དམ་པའི་རྣམ་ཐར་ཡུན་གྱིས་བསྐྱངས། 时至社会动荡缝隙间 多康地区创建医学院 传授四部医典之精要 真义志士传体逐步成 ༤ལྷ་རྗེ་ལགས། འདི་ནི་གངས་སེང་དཀར་མོ་ཞིག་གི་གད་རྒྱངས་ཡིན། འདི་ནི་རྒྱ་སྟག་ངར་མ་ཞིག་གི་དཔའ་གདངས་ཡིན། འདི་ནི་སྐྱེས་བུ་མཁྱེན་ལྡན་ཞིག་གི་བློ་སྤོབས་ཡིན། འདི་ནི་འཚོ་བྱེད་གཞོན་ནུ་ཞིག་གི་སེམས་འདུན་ཡིན། 这是雄狮怒吼之嚎叫 这是猛虎勇者之胆调 这是有志青年之气魄 这是白衣天使之心愿 ༥ལྷ་རྗེ་ལགས། འདི་ནི་གཡུ་འབྲུག་སྔོན་མོ་ཞིག་གི་ངར་སྐད་ཡིན། འདི་ནི་ཐང་དཀར་རྒོད་པོ་ཞིག་གི་གཤོག་འགྱུར་ཡིན། འདི་ནི་རིག་པའི་དཔའ་བོ་ཞིག་གི་དམ་བཅའ་ཡིན། འདི་ནི་གསོ་རིག་མཁན་པོ་ཞིག་གི་ལག་རྗེས་ཡིན། 这是一条青龙之声乐 这是一只雄鹰之展翅 这是一代文人之誓言 这是藏医宗师之业绩