作词 : 周拉加 作曲 : 朗甲•曲迈才让 གསེར་གྱི་སྙེ་རླབས་གཡོ་བའི་རྣང་ཞིང་གི་དབུས་ན། དགོད་འཛུམ་སེམས་ཀྱིས་འཚེར་བའི་བུ་མོ་ཞིག ཁོ་མོའི་གདོང་ན་གསེར་གྱི་ཉི་འོད་འཕྲོས་ནས་ཡོད། རྔུལ་ཆུའི་ཐིགས་པའི་སུ་ཡི་སེམས་པ་བརླན་ནས་ཡོད། ཟོར་ཆུང་ལེབ་མོ་བྲེལ་གྱིས་གཡུགས་པའི་དུས། རེ་མདུན་དྲོན་མོ་ཐང་མར་བརྡལ་ནས་ཡོད། རེ་བའི་སང་ཉིན་མཛོད་ལ་བསྡུས་ནས་ཡོད། ཨ། ཞིང་འབྲེག་བུ་མོ། ཨ། ཞིང་འབྲེག་བུ་མོ། ང་ཡི་སེམས་ཁོང་གི་ནས་འབྲུ་སྔོན་མོ། ࿄࿄࿄ རྣང་ཞིང་གསེར་གྱི་སྨིན་པའི་འོད་སྣང་གི་ཁྲོད་ན། མིག་ཟུང་སེམས་ཀྱིས་འཚེར་བའི་བུ་མོ་ཞིག ཁོ་མོའི་ཞལ་ཁྱིམ་སྟོན་གྱི་མར་ལོས་བྱུགས་ནས་ཡོད། འཛུམ་པའི་མིག་ཟུང་སུ་ཡི་སེམས་ལ་ཟུག་ནས་ཡོད། གླུ་ཆུང་སྙན་མོ་ལྷོད་ཀྱིས་ལེན་པའི་དུས། རེ་མདུན་དྲོན་མོ་ཐང་མར་བརྡལ་ནས་ཡོད། རེ་བའི་སང་ཉིན་མཛོད་ལ་བསྡུས་ནས་ཡོད། ཨ། ཞིང་འབྲེག་བུ་མོ། ཨ། ཞིང་འབྲེག་བུ་མོ། ང་ཡི་སེམས་ཁོང་གི་ནས་འབྲུ་སྔོན་མོ། ཨ། ཞིང་འབྲེག་བུ་མོ། ཨ། ཞིང་འབྲེག་བུ་མོ། ང་ཡི་སེམས་ཁོང་གི་ནས་འབྲུ་སྔོན་མོ། ཨ། ཞིང་འབྲེག་བུ་མོ། ཨ། ཞིང་འབྲེག་བུ་མོ། ང་ཡི་སེམས་ཁོང་གི་ནས་འབྲུ་སྔོན་མོ། RengTsing文化传媒