作词 : 嘎代才让 作曲 : 卓玛吉 ལས་ཀྱི་རི་མོ། གཞས་ཚིག ནག་པོ། གཞས་དབྱངས། སྒྲོལ་མ་སྐྱིད། གཞས་མ། སྒྲོལ་མ་སྐྱིད། སྟེང་གི་ཚེས་ཟླ་དཀར་པོ།། 祥瑞良辰吉时 ཆར་སྤྲིན་ནག་པོས་བསྒྲིབས་སོང་།། 弥漫雨雾乌云 སྐར་ཚོགས་མུ་ཏིག་ཕྲེང་བས།། 繁星点点滴滴 མི་འདོད་མཆི་མ་གཏོར་འདུག། 洒落苦闷泪花 ལས་འཕྲོའི་མདུད་པ་བཤིག་མེད།། 命运祥结永恒 བརྩེ་བའི་སོར་གདུབ་རྙིང་མེད།། 爱情环镯璀璨 ཆུང་འདྲིས་བྱམས་པའི་སྙིང་གཏམ།། 青梅竹马之言 གནམ་སའི་མཚམས་ལ་བརྐོས་ཡོད།། 烙印在地平线 ཕྲ་ཆུང་མིག་གིས་བོར་རུང་།། 虽已消失无踪 བློ་དཀར་སེམས་ཀྱིས་འཚོས་ཡོད།། 却生活在心底 བུ་ཆུང་ཉི་མ་རང་ཤར།། 英伦潇洒少年 ལས་ཀྱི་རི་མོར་བབས་ཡོད།། 镌刻命运之韵 མཛེས་པའི་ཆུ་སྐྱེས་སྔོན་མོ།། 艳丽的白莲花 སད་དང་སེར་བས་བཅོམ་སོང་།། 已被霜露摧毁 སྒེག་པའི་ཕྱེ་ལེབ་སེར་ཁྲ།། 飞舞金色彩蝶 འཕུར་བའི་བློ་སེམས་མི་འདུག། 失去飞旋之梦 གསང་བའི་སྨོན་འདུན་བརྗེད་མེད།། 牢记美丽梦想 སྐུ་མདུན་དམ་ཚིག་བོར་མེད།། 不忘最初承诺 ཆུང་འདྲིས་བྱམས་པའི་ལུས་སེམས།། 青梅竹马之心 སྙིང་གི་གཏིང་ལ་སྦས་ཡོད།། 藏在心灵深处 ཕྲ་ཆུང་མིག་གིས་བོར་རུང་།། 浮现双眸之间 བློ་དཀར་སེམས་ཀྱིས་འཚོས་ཡོད།། 烙印心灵深处 བུ་ཆུང་ཉི་མ་རང་ཤར།། 英伦潇洒少年 ལས་ཀྱི་རི་མོར་བབས་ཡོད།། 镌刻命运之韵 (歌词翻译岗路巴)