作词 : 曲尔却 作曲 : 民间 杜鹃之韵 བསྟོད་གླུ་ཁུ་བྱུག་དྲུག་འགྱུར། 词:曲尔却 ཚིག ཆོས་ཨ་མཆོག 曲:民间 དབྱངས། སྒྲུང་རྟ། 演唱:曲尔却 གཞས་པ། ཆོས་ཨ་མཆོག 1.གངས་ཡར་ལྷ་ཤམ་པོའི་ཤར་རྒྱུད་ན།། 在雅拉雪山的东方 སྨད་ཙོང་ཁ་རི་བོའི་ཡར་ཕྱོགས་ན།། 在宗喀山脉的上缘 ཆུ་རྨ་འབྲི་རྫ་གསུམ་མགོ་རྒྱུད་ལ།། 在三江源头 འབྲུ་སྒ་བདེའི་མཆོང་མཁར་སྨུག་པོའི་འདབས།། 有一片地 གླིང་འབྲིང་རྒྱུད་སྒ་ཡི་རྒྱུད་པ་སྟེ།། 那里的人们英勇 སྒ་སྐྱེ་རྒུ་མཁར་གྱི་རྩེ་མོ་ཆགས།། 那就是我的故乡 ནོར་རིན་ཆེན་གཏེར་གཡང་འཛོམ་པའི་ས།། 美丽富饶的土地 གནས་རྫོང་ཆེན་བླ་མ་ནོར་ལྷ་བཞུགས།། 有神山圣湖保佑 སྲུང་དམ་ཅན་མགར་བའི་བྱིན་གཡང་འཁོར།། 有护身法宝保佑 དཔལ་རྡོ་རྗེ་ཕག་མོ་བཞུགས་པའི་གནས།། 有神奇的瓦里山 བོད་ཁ་བའི་ནོར་གཡང་འབྱུང་བའི་ས།། 那是牦牛的故乡 ཁམས་དགེ་རྒྱལ་དོག་མོ་ས་ཡི་མཆོག། 那是我的家乡 2.རྨ་གུ་ར་རྫ་ཡི་གཡོན་ཟུར་ན།། 在格拉山的左方 ས་བཟང་པོ་སྨོན་ལམ་ལ་ཁ་ཆགས།། 有美丽的幕朗地 རྨ་ཉིན་ལུང་བྲག་དཀར་འགྱིང་བའི་གནས།། 有向阳的银山 གླིང་དཔའ་ཐུལ་འདུ་ར་ཁྲ་མོ་སྟེ།། 那是格萨尔走过的地 བུ་ཇོ་རུས་གསེར་ཁྲི་བཟུང་བའི་གནས།། 是格萨尔称王的地 ཁམས་ཆུ་དམར་སྲིད་པའི་རྒྱན་དུ་མཛེེས།། 那是我的故乡 ཕྱི་རྡོ་རྗེའི་བྲག་གི་བང་རིམ་ལ། 神奇的天然佛塔 ནང་དཔའ་བོ་མཁའ་འགྲོ་འཚུབ་སེ་འཚུབ། 是神灵居住的地方 སྒ་ཇོ་བོ་ཞལ་དཀར་གནས་ཀྱི་མཆོག། 是尕朵神山的坐落地 མ་སེམས་ཅན་དགེ་རྩ་འཕེལ་བ་ལ།། 那里有群可爱的人们 རྟེན་བཟང་པོ་འཛོམ་ཉག་མཆོད་རྟེན་བཞུགས།། 有神奇的文化 སྒ་ཁྲི་འདུ་སྨོན་ལམ་འགྲུབ་པའི་ས།། 那是我的故乡 3.བྱང་ཨ་ཆེན་གངས་རིའི་རྒྱབ་རོལ་ན།། 神奇的可可西里 སྒ་སྐྱ་ལོའི་མཚེར་ས་སྨུག་པོ་ཆགས།། 美丽的珠姆公主 སྨན་འབྲུག་མོའི་ལང་ཚོ་བཞད་པའི་ས།། 你是人间的美人 ཤྭ་གཙོད་འབྲོང་བག་ཡངས་རྒྱུ་བའི་གནས། 可爱的藏羚羊 ཕོ་རྒོད་པོ་མཛད་རྗེས་ཆེ་སའི་ཡུལ།། 你是英雄的羊群 ཁམས་འབྲི་སྟོད་ཁྲ་མོ་གླིང་གི་གཉེན།། 你就在我的故乡 བྱང་རྟ་རྣ་སེང་གེ་གནམ་རྫོང་དེ།། 神奇的达那寺 གླིང་དཔའ་ཐུལ་གདན་ལ་འཛོམས་ས་ཡིན།། 你是众将的的归宿 རྗེ་གེ་སར་བསྟན་པ་དར་བའི་ཡུལ།། 你是格萨尔的住址 ནང་བློན་ཆེན་དཔའ་མཛངས་རྒྱས་པའི་ས།། 你是贤臣的故乡 ཆོས་རིག་གཞུང་འབྱུང་བའི་བང་མཛོད་དེ།། 你是文化的宝库 ཁམས་ནང་ཆེན་སྦས་ཡུལ་པད་མའི་ལུང་།། 你是神秘的家园 4.ངག་བསྟོད་གླུ་ཚིག་གསུམ་དྲངས་པ་འདི།། 我用歌声祝福你们 ཁྱེད་འདིར་བཞུགས་ཐུགས་ལ་འཕྲོད་པར་ཤོག། 心想事成 སྙན་རྣ་བའི་བདུད་རྩིར་འགྱུར་བར་སྨོན།། 前程似锦 གླུ་བླངས་ཚད་ཆོས་ལ་འགྱུར་བར་ཤོག། 友谊长存 ཆོས་དཀར་པོའི་བསྟན་པ་དར་བར་ཤོག། 健康快乐 མ་སེམས་ཅན་བདེ་ཞིང་སྐྱིད་པར་ཤོག། 扎西德勒