作词 : 久格桑 作曲 : 加呗 ཆུང་དྲུག་སུམ་བཅོ་བརྒྱད་ལང་ཚོ་རྫོགས། རྐང་རྡོག་པའི་སྣེ་ཡིས་ལམ་ཆུང་བསླེས། བསླེས་ཁྱོད་རང་ཡག་ལ་ང་ཡང་ཡག འགྲིག་མི་འདུག་མ་ཟེར་སྐུ་ཚེ་རིང་། ང་སྣང་བའི་ལ་རྩེ་འགྲིམ་སྒང་རེད། བྱེའུ་ཆུང་ཇོ་ཀས་གཟུངས་སྔགས་འདོན་ས་དེ་ལ། སེམས་པ་སྐྱ་མོའི་སྨུག་སྤྲིན་དྭངས་ས་དེ་ལ། ང་ཚོ་གཞོན་པའི་འགྲུལ་བཞུད་ཐེངས་གཅིག་བྱེད་ཡ། རང་སྣང་དར་ལྕོག་རི་རྩེར་སྒྲོན་དུ་འགྲོ་ཡ། མེ་ཏོག་བུ་མོ་ཁྱུ་འདེད་བྱེད་དུ་འགྲོ་ཡ། གཞོན་བློ་རྩེས་གཤོག་འགྱུར་རྒྱག་ཅིང་འོང་། གནམ་གྲུ་བཞིའི་འོག་ན་ཡག་ཤོས་རེད། འགྱུར་ཁྱོད་རང་ཡག་ལ་ང་ཡང་ཡག འགྲིག་མི་འདུག་མ་ཟེར་སྐུ་ཚེ་རིང་། ང་སྣང་བའི་ལ་རྩེ་འགྲིམ་སྒང་རེད། བྱེའུ་ཆུང་ཇོ་ཀས་གཟུངས་སྔགས་འདོན་ས་དེ་ལ། སེམས་པ་སྐྱ་མོའི་སྨུག་སྤྲིན་དྭངས་ས་དེ་ལ། ང་ཚོ་གཞོན་པའི་འགྲུལ་བཞུད་ཐེངས་གཅིག་བྱེད་ཡ། རང་སྣང་དར་ལྕོག་རི་རྩེར་སྒྲོན་དུ་འགྲོ་ཡ། ཨ་ལ་གཞོན་ཆུང་སྣང་བ། བྱེའུ་ཆུང་ཇོ་ཀས་གཟུངས་སྔགས་འདོན་ས་དེ་ལ། སེམས་པ་སྐྱ་མོའི་སྨུག་སྤྲིན་དྭངས་ས་དེ་ལ། ང་ཚོ་གཞོན་པའི་འགྲུལ་བཞུད་ཐེངས་གཅིག་བྱེད་ཡ། རང་སྣང་དར་ལྕོག་རི་རྩེར་སྒྲོན་དུ་འགྲོ་ཡ། ཨ་ལ་གཞོན་ཆུང་སྣང་བ། ཨ་ལ་གཞོན་ཆུང་སྣང་བ།