作词 : 索扎 作曲 : 索扎 རོལ་མ་སྒྲིག་བཟོ་པ། ཞོའོ་ལེ། ༼ཅིའི་ཕྱིར༽ ཚེས་པ་བཅུ་བཞིའི་དགོང་མོ། ཟླ་འོད་སྐྱ་བོའི་འོག་ན། སྐྱོ་བ་ཆང་ལ་བཅོལ་མཁན་ང་རང་གཅིག་པུ་ག་ལ་ཡིན། ཁྱོད་ང་ངོ་མ་དགའ་ན་མི་འགྲོགས་ཟེར་དོན་ཅི་ཡིན། ཁྱོད་ང་ངོ་མ་སྡང་ན་མིག་ཆུ་གཏོར་དོན་ཅི་ཡིན། ཉི་མ་དེ་ཡི་མཚན་མོ། ཟླ་འོད་དེ་ཡི་འོག་ནས། བརྩེ་དུང་ཡོད་པས་མི་གཉིས་གཏན་བྲལ་བྱེད་དགོས་བྱུང་ཐལ། ཨ་་་་་་ངའི་སེམས་ཀྱི་ལྷ་མོ། ཕན་ཚུན་ལ་བརྩེ་བ་ཡོད་ན་ཅིའི་ཕྱིར་ཁ་ཁ་འགྲོ་དགོས། སེམས་ལ་རྨ་ཁ་འཇོག་དགོས། ཤོད་ཡ། ཨ་་་་་་ངའི་སེམས་ཀྱི་ལྷ་མོ། དུང་སེམས་ལ་གས་ཆག་མེད་ན་ཅིའི་ཕྱིར་ང་རང་བསྐྱུར་ནས་རྒྱང་ལ་འགྲོ་དགོས། དྲན་པའི་གཏིང་ནས་བསུབ་དགོས། ཤོད་ཡ། ཁྱོད་ག་རེ་གནང་གི་བསྡད་ཡོད། ཁྱོད་ག་ས་གང་ན་བསྡད་ཡོད། ཕྱིར་འདི་ལ་ཕེབས་རོགས། ངའི་གམ་དུ་ཕེབས་རོགས། ལོ་ངོ་གཅིག་གི་རྗེས་ནས། ཉི་འོད་འཇམ་པོའི་གསེང་ནས། སྙིང་གཏམ་ཕྱི་ལ་བྱོ་མཁན་ང་རང་གཅིག་པུ་ག་ལ་ཡིན། ཁྱོད་ང་ངོ་མ་དགའ་ན་གཏན་བྲལ་བྱེད་དོན་ཅི་ཡིན། ཁྱོད་ང་ངོ་མ་སྡང་ན་ཕྱིར་མིག་འཕེན་་དོན་ཅི་ཡིན། ཉི་མ་དེ་ཡི་སྔ་མོ། ཉི་འོད་དེ་ཡི་གསེབ་ནས། བརྩེ་དུང་ཡོད་པས་མི་གཉིས་ཡང་བསྐྱར་ལྷན་འཛོམས་བྱུང་ཐལ། ཨ་་་་་་ངའི་སེམས་ཀྱི་ལྷ་མོ། ཕན་ཚུན་ལ་བརྩེ་བ་ཡོད་ན་ཅིའི་ཕྱིར་ཁ་ཁ་འགྲོ་དགོས། སེམས་ལ་རྨ་ཁ་འཇོག་དགོས། ཤོད་ཡ། ཨ་་་་་་ངའི་སེམས་ཀྱི་ལྷ་མོ། དུང་སེམས་ལ་གས་ཆག་མེད་ན་ཅིའི་ཕྱིར་ང་རང་བསྐྱུར་ནས་རྒྱང་ལ་འགྲོ་དགོས། དྲན་པའི་གཏིང་ནས་བསུབ་དགོས། ཤོད་ཡ། ཁྱོད་ག་རེ་གནང་གི་བསྡད་རུང་། ཁྱོད་ག་ས་གང་ནས་བསྡད་རུང་། ངའི་གམ་ནས་མ་འགྲོ། ངའི་གཏན་གྲོགས་བྱེད་རོགས། ཙ་ར་་་་་་་་་་་་་་་་་་་་་་་ ཙ་ར་་་་་་་་་་་་་་་་་་་་་་་ ཙ་ར་་་་་་་་་་་་་་་་་་་་་་་ ཙ་ར་་་་་་་་་་་་་་་་་་་་་་་ ཡེ་་་་་་་་་་་་་་་་་་་་་་་་་་་ ཨ་་་་་་ངའི་སེམས་ཀྱི་ལྷ་མོ། ཕན་ཚུན་ལ་བརྩེ་བ་ཡོད་ན་ཅིའི་ཕྱིར་ཁ་ཁ་འགྲོ་དགོས། སེམས་ལ་རྨ་ཁ་འཇོག་དགོས། ཤོད་ཡ། ཨ་་་་་་ངའི་སེམས་ཀྱི་ལྷ་མོ། དུང་སེམས་ལ་གས་ཆག་མེད་ན་ཅིའི་ཕྱིར་ང་རང་བསྐྱུར་ནས་རྒྱང་ལ་འགྲོ་དགོས། དྲན་པའི་གཏིང་ནས་བསུབ་དགོས། ཤོད་ཡ། ཁྱོད་ག་རེ་གནང་གི་བསྡད་རུང་། ཁྱོད་ག་ས་གང་ནས་བསྡད་རུང་། ངའི་རེ་བ་མི་མཐོ། ང་བརྗེད་ནས་མ་འགྲོ།