作词 : 日当呷扎 作曲 : 佐庆丹真 སྐུ་ཡི་ལྷུན་པོ་རུ་དམ་ལྗོངས་སུ་བསླངས། དགེ་བའི་ཚོགས་ཆེན་འཛམ་གླིང་ཕང་བར་གཏོར། སྲིད་ན་འཕགས་པའི་བྱ་རུང་ལྷ་མིའི་ནོར། སྟོང་ཆེན་སྐྱེ་འགྲོའི་མགོན་དུ་བརྗིད་ཅིང་བརླིང་། ཨ་་་་་་བྱ་རུང་ཁ་ཤོར། ཨ་་་་་་བྱ་རུང་ཁ་ཤོར། ཁྱེད་ནི་རྒྱལ་བསྟན་མཛེས་པའི་མཆོད་གདུང་ཡིན། ཁྱེད་ནི་སྐལ་ལྡན་འགྲོ་བའི་ཚོགས་ཞིང་ཡིན། ཁྱེད་ནི་ས་ཆེན་གཙུག་གི་ནོར་བུ་ཡིན། གསེར་གྱི་ཅོད་པན་ཉི་ཟླའི་པང་དུ་བཙུགས། དུང་གི་གཟི་བྱིན་ས་གཞིའི་སྨག་ལ་སྒྲོན། སྲིད་ན་འཕགས་པའི་བྱ་རུང་ལྷ་མིའི་ནོར། སྟོང་ཆེན་སྐྱེ་འགྲོའི་མགོན་དུ་བརྗིད་ཅིང་བརླིང་། ཨ་་་་་་བྱ་རུང་ཁ་ཤོར། ཨ་་་་་་བྱ་རུང་ཁ་ཤོར། ཁྱེད་ནི་འཁོར་བའི་གྲོང་གི་ཆོས་མཛོད་ཡིན། ཁྱེད་ནི་ཐར་བའི་ལམ་གྱི་མཆོད་སྤྲིན་ཡིན། ཁྱེད་ནི་ས་ཆེན་གཙུག་གི་ནོར་བུ་ཡིན། ཨ་་་་་་བྱ་རུང་ཁ་ཤོར། ཨ་་་་་་བྱ་རུང་ཁ་ཤོར། ཁྱེད་ནི་འཁོར་བའི་གྲོང་གི་ཆོས་མཛོད་ཡིན། ཁྱེད་ནི་ཐར་བའི་ལམ་གྱི་མཆོད་སྤྲིན་ཡིན། ཁྱེད་ནི་ས་ཆེན་གཙུག་གི་ནོར་བུ་ཡིན། ཁྱེད་ནི་ས་ཆེན་གཙུག་གི་ནོར་བུ་ཡིན།