作词 : 土登君乃 作曲 : 才仁巴桑 男声:根呷 女: སེར་པོ་གསེར་གྱི་འགུ་ཡ། ཁྲ་རྒྱན་གཡུ་ཆུང་དྲུང་དཀར། དཀྱིལ་མཛུབ་ཐོག་ལ་བརྒྱབ་པ་དུས། ཆུང་འདྲིས་སྙིང་ནས་དྲན་བྱུང་། 男: ལྷ་སའི་བར་སྐོར་ལམ་ལ། སྐོར་ར་ལན་གསུམ་བརྒྱབ་པའི། རང་གི་ཆུང་འདྲིས་འདྲ་ལེ། མིག་གིས་མཐོང་རྒྱུ་མི་འདུག། 合: ཆུང་འདྲིས་ངེད་གཉིས་གཏམ་པ། རྡོ་ཐོག་རི་མོ་བྲིས་ཡོ། ལོ་གསུམ་ཆར་པ་འབབ་ཀྱང་། རི་མོ་ཡལ་རྒྱུ་མ་རེད། 男: རི་རྒྱལ་རྩེ་ལ་སོང་ལེ། མེ་ཏོག་འདྲ་མིན་མཐོང་བྱུང་། བལ་བོ་སྟོང་ལྡན་དོ་ལེའི། མེ་ཏོག་མཐོང་རྒྱུ་མ་བྱུང་། 女: བྱུ་རུ་དམར་པའི་ཁོག་ལ། སྟོང་སྐད་མདུད་པ་བརྒྱབ་ཡོད། བྱུ་རུ་མ་ཆག་བར་ལ། མདུད་པ་གྲོལ་ས་མ་རེད། 合: ཆང་འདྲིས་ངེད་གཉིས་གཏམ་པ། རྡོ་ཐོག་རི་མོ་བྲིས་ཡོད། ལོ་གསུམ་ཆར་པ་འབབ་ཀྱང་། རི་མོ་ཡལ་རྒྱུ་མ་རིད། ཆང་འདྲིས་ངེད་གཉིས་གཏམ་པ། རྡོ་ཐོག་རི་མོ་བྲིས་ཡོད། ལོ་གསུམ་ཆར་པ་འབབ་ཀྱང་། རི་མོ་ཡལ་རྒྱུ་མ་རིད། ལོ་གསུམ་ཆར་པ་འབབ་ཀྱང་། རི་མོ་ཡལ་རྒྱུ་མ་རིད།