作词 : 冷丛土登南江 作曲 : 东求 词 冷从土登南江 作曲 东求 编曲 金强 录音 阿啦耶 演唱 东求 义让 老松 多杰求加 སྒ་ཡུལ་འབྲིི་ཀླུང་སྟོད་ཀྱི་ཕུ་ནས། 嘎域通天圣地 གཞོན་སྐྱེས་ང་ཚོ་མཉམ་དུ་འཛོམས་ཐལ། 我们相聚一堂 ན་གཞོན་ང་ཚོ་རྡོག་སྒྲ་མ་ལྷོད།། 不要慢下舞步, དགའ་བའི་ངང་ནས་སྐོར་བྲོ་ཁྲོབས་དང་། 跳起欢乐锅庄, གཡས་སྐོར་ཁྲ་མོ་བཀྲ་རེ་ཤིས།། 左转吉祥如意, གཡོན་སྐོར་ཁྲ་མོ་དོན་རེ་འགྲུབ།། 右转好事成双 སྒ་ཡུལ་འབྲི་ཀླུང་བར་གྱི་དཀྱིལ་ནས།། 嘎域通天大地 ན་ཟླ་ང་ཚོ་མཉམ་དུ་འཛོམས་ཐལ།། 朋友相逢一场, ན་གཞོན་ང་ཚོ་ལག་པ་མ་ལྷོད།། 不要放下双手 སྐྱིད་པའི་སྒོ་ནས་སྐོར་བྲོ་ཁྲོབས་དང་།། 跃起幸福锅庄, གཡས་སྐོར་ཁྲ་མོ་བཀྲ་རེ་ཤིས།། 右转五谷丰登, གཡོན་སྐོར་ཁྲ་མོ་གཡང་རེ་ཆགས།། 左转大吉大利 སྒ་ཡུལ་འབྲི་ཀླུང་སྨད་ཀྱི་འདབས་ནས།། 嘎域通天疆域, སྤུན་ཟླ་ང་ཚོ་མཉམ་དུ་འཛོམས་ཐལ།། 亲人会聚一起, ན་གཞོན་ང་ཚོ་དགོད་སྒྲ་མ་ལྷོད།། 不要间断笑声 བརྩེ་བའི་སྒོ་ནས་སྐོར་བྲོ་ཁྲོོབས་དང་།། 跳起美丽锅庄 གཡས་སྐོར་ཁྲ་མོ་ཆོས་རེ་བགྲུབ། 左转佛光普照, གཡོན་སྐོར་ཁྲ་མོ་བཀྲ་རེ་ཤིས།། 右转事事顺心。 སྒ་ཡུལ་སྐྱ་ལོ་འཚེར་སའི་ཡུལ་ནས།། 嘎域嘉洛草原 རིགས་མཐུན་ང་ཚོ་མཉམ་དུ་འཛོམས་ཐལ།། 同胞相聚一刻, ན་གཞོན་ང་ཚོ་དཔུང་རྡང་མ་ལྷོད།། 不要松开手臂, འཛུམ་པའི་སྒོ་ནས་སྐོར་བྲོ་ཁྲོབས་དང་།། 跃起快乐锅庄, གཡས་སྐོར་ཁྲ་མོ་བཀྲ་རེ་ཤིས། 右转喜庆跳吉祥 གཡོན་སྐོར་ཁྲ་མོ་གླུ་རེ་ལེན།།