歌词:康·俄周才仁 གདངས། ཡེ་ཤེས་སེང་གེ 作曲: 义西生格 ལེན་མཁན། འཇམ་དབྱངས། ཕ་ས་ཕ་ཡུལ་སྐྱེས་ས་རྒས་ས་རེད། ། 故乡是养育我们的摇篮 ས་སྒང་གོ་ལ་འཚོ་ས་གནས་ས་རེད། ། 地球是我们赖以生存的家园 དེ་ཕྱིར་ཁ་བ་ཅན་གྱི་སྤུན་ཟླ་ཚོ། 因此 雪域的同胞们 མཐོ་སྒང་གོ་ལ་སྲུང་སྐྱོབས་ཡག་པོ་གྱིས། ། 我们要保护好地球 མཐོ་སྒང་གོ་ལ་སྲུང་སྐྱོབས་ཡག་པོ་གྱིས། ། 我们要保护好地球 ཆབ་དང་ཆུ་བོ་སྐྱེ་འགྲོ་འཐུང་ཆུ་རེད། ། 水是众生的生命之源 ནགས་དང་རྩི་ཤིང་གོ་ལའི་ཟུངས་བཅུད་རེད། ། 花草树木是地球之命 དེ་ཕྱིར་ཁ་བ་ཅན་གྱི་སྤུན་ཟླ་ཚོ། ། 因此 雪域同胞们 ཁོ་ར་ཁོར་ཡུག་སྲུང་སྐྱོབས་ཡག་པོ་གྱིས། ། 我们要保护好生态环境 ཁོ་ར་ཁོར་ཡུག་སྲུང་སྐྱོབས་ཡག་པོ་གྱིས། ། 我们要保护好生态环境 གནམ་འོག་གད་སྙིཊ་གོ་ལའི་ནད་འབུ་རེད། ། 一切不净的环境污染 མི་གཙང་དྲི་ངན་ས་སྒང་སྲོག་འཇུ་རེད། ། 是造成地球之危的根源 དེ་ཕྱིར་ཁ་བ་ཅན་གྱི་སྤུན་ཟླ་ཚོ། 因此 雪域的同胞们 ས་སྒང་གོ་ལ་གཙང་སེལ་ཡག་པོ་གྱིས། ། 我们要防止地球遭受污染 ས་སྒང་གོ་ལ་གཙང་སེལ་ཡག་པོ་གྱིས། ། 我们要防止地球遭受污染