作词 : 白玛旦增 作曲 : 白玛旦增 གྲོགས་པོ། ཚིག་གདངས། པདྨ་བསྟན་འཛིན། ལེན་མཁན། བསྟན་ཚོས་ཨ་ཏི། པདྨ་བསྟན་འཛིན། ༡ 白玛旦增: སེམས་པའི་སྐད་ཆ་ཁ་ཤས། ང་ཡི་ཨ་ཅེར་ཡང་བཤད་མྱོང་མེད། འཚོ་བའི་དཀའ་སྡུག་ཁ་ཤས། ང་ཡི་ཕ་མར་ཡང་ལབ་མྱོང་མེད། ཧའེ། ང་ཡི་གྲོགས་པོ། སྤུན་མཆེད་ཁ་ཤས་ལས་ལྷག་པ་ཡོད་སོང་། ཧའེ། ང་ཡི་གྲོགས་པོ། མི་ཚེ་གཅིག་གི་ལམ་རོགས། 旦曲阿帝: ཤ་རུས་འདྲེས་པ་མིན་ཡང་། ང་ཚོའི་བརྩེ་བ་དེ་ལྷག་པར་ཟབ། ཡོང་ས་གཅིག་ནས་མིན་ཡང་། ང་ཚོའི་འཛོམས་ས་དེ་གཅིག་པ་རེད། ཧའེ། ང་ཡི་གྲོགས་པོ། སྤུན་མཆེད་ཁ་ཤས་ལས་ལྷག་པ་ཡོད་སོང་། ཧའེ། ང་ཡི་གྲོགས་པོ། མི་ཚེ་གཅིག་གི་ལམ་རོགས། 一起: རྗེས་མ་སྤོ་བོ་ལག་པས་འཁྱོག་ཚད་ཆགས་པའི་དུས་སུ་ཡང་། ང་ཚོ་ཚང་མ་བགད་མོ་འཚེར་འཚེར་གླིང་བསྐོར་མཉམ་དུ་འགྲོ སུ་དང་སུ་ལ་དཀའ་ངལ་འཕྲད་ཀྱང་ཕར་རོགས་ཚུར་རོགས་བྱས། དུས་ནམ་ཡང་གྲོགས་པོའི་ལ་རྒྱ། འགྱུར་བ་མེད། ནམ་ཡང་བརྟན། མི་ཚེ་གཅིག་ཡིན། ༢ 旦曲阿帝: སེམས་པའི་སྐད་ཆ་ཁ་ཤས། ང་ཡི་ཨ་ཅེར་ཡང་བཤད་མྱོང་མེད། འཚོ་བའི་དཀའ་སྡུག་ཁ་ཤས། ང་ཡི་ཕ་མར་ཡང་ལབ་མྱོང་མེད། ཧའེ། ང་ཡི་གྲོགས་པོ། སྤུན་མཆེད་ཁ་ཤས་ལས་ལྷག་པ་ཡོད་སོང་། ཧའེ། ང་ཡི་གྲོགས་པོ། མི་ཚེ་གཅིག་གི་ལམ་རོགས། 白玛旦增: སྐྱིད་པོ་བྱེད་པའི་དུས་ལ། ང་ཚོ་གྲོགས་པོ་མཉམ་དུ་ཡོད། སྡུག་པོ་བྱུང་བའི་དུས་ལ། ང་ཚོ་གྲོགས་པོ་ཡང་མཉམ་དུ་ཡོད། ཧའེ། ང་ཡི་གྲོགས་པོ། སྤུན་མཆེད་ཁ་ཤས་ལས་ལྷག་པ་ཡོད་སོང་། ཧའེ། ང་ཡི་གྲོགས་པོ། མི་ཚེ་གཅིག་གི་ལམ་རོགས། 一起: རྗེས་མ་སྤོ་བོ་ལག་པས་འཁྱོག་ཚད་ཆགས་པའི་དུས་སུ་ཡང་། ང་ཚོ་ཚང་མ་བགད་མོ་འཚེར་འཚེར་གླིང་བསྐོར་མཉམ་དུ་འགྲོ སུ་དང་སུ་ལ་དཀའ་ངལ་འཕྲད་ཀྱང་ཕར་རོགས་ཚུར་རོགས་བྱས། དུས་ནམ་ཡང་གྲོགས་པོའི་ལ་རྒྱ། འགྱུར་བ་མེད། ནམ་ཡང་བརྟན། མི་ཚེ་གཅིག་ཡིན། ༤ 白玛旦增: གྲོགས་པོ་གསར་པ་ཐུག་ཀྱང་རྙིང་པ་ཁྱེད་བརྗེད་མེད། 旦曲阿帝: དུས་ཚོད་ག་ཚོད་ཕྱིན་ཀྱང་སེམས་ནང་ལ་ངེས། 白玛旦增: ང་ཚོ་གྲོགས་པོ་རྟག་པར་འབྲེལ་བ་མེད་ཀྱང་། 旦曲阿帝: ཕན་ཚུན་སེམས་པའི་ནང་ནས་བརྩིས་བཞིན་ཡོད། 一起: རྗེས་མ་སྤོ་བོ་ལག་པས་འཁྱོག་ཚད་ཆགས་པའི་དུས་སུ་ཡང་། ང་ཚོ་ཚང་མ་བགད་མོ་འཚེར་འཚེར་གླིང་བསྐོར་མཉམ་དུ་འགྲོ སུ་དང་སུ་ལ་དཀའ་ངལ་འཕྲད་ཀྱང་ཕར་རོགས་ཚུར་རོགས་བྱས། དུས་ནམ་ཡང་གྲོགས་པོའི་ལ་རྒྱ། འགྱུར་བ་མེད། ནམ་ཡང་བརྟན།