作词 : 白玛旦增 作曲 : 白玛旦增 ལྷོ་བྲག་ལ་འགྲོ ཚིག པདྨ་བསྟན་འཛིན། གདངས། པདྨ་བསྟན་འཛིན། ལེན་མཁན། པདྨ་བསྟན་འཛིན། ༡ རི་བོ་གམ་པ་ལ་མོ་བརྒལ་ནས། ལྷོ་ནས་ལྷོ་ཡི་ཡུལ་ལ་ཕྱིན་པས། ལེ་དབར་ལྔ་བརྒྱ་ཙམ་གྱི་ས་ལ། མཛེས་པའི་ཕ་ཡུལ་ལྷོ་བྲག་གནས་ཡོད། གངས་རི་སྐུ་ལྷ་མཁའ་རིས། དཀར་གཙང་མཇལ་དར་བསྒྲོན་སོང་། ལྷོ་བྲག་སྲས་མཁར་དགུ་ཐོག མི་ལའི་བྱིན་རླབས་ཞུས་ཡོད། ང་ཚོ་ལྷོ་བྲག་ལ་འགྲོ སྐྱིད་པའི་ཡུལ་སྐོར་ལ་འགྲོ ང་ཚོ་ལྷོ་བྲག་ལ་འགྲོ གནས་རི་གནས་བཟང་མཇལ་བར་འགྲོ ༢ མཚོ་མོ་ཕོ་མོ་གཡུ་མཚོའི་འགྲམ་ནས། ལྷོ་ཡི་ཕྱོགས་ལ་རྒྱང་བལྟ་ཞིག་བྱས་པས། གཡུ་ཡི་གཞོང་པ་ལྟ་བུའི་ལུང་པ། མཛེས་པའི་ཕ་ཡུལ་ལྷོ་བྲག་གནས་ཡོད། གནས་མཆོག་མཁར་ཆུ་དགོན་པ། ལྷ་ཡུལ་ལས་ཀྱང་མཛེས་པ། གྲུབ་མཚོ་པདྨ་གླིང་དེ། ས་གཞིའི་མེ་ལོང་འདྲ་བྱུང་། ང་ཚོ་ལྷོ་བྲག་ལ་འགྲོ སྐྱིད་པའི་ཡུལ་སྐོར་ལ་འགྲོ ང་ཚོ་ལྷོ་བྲག་ལ་འགྲོ གནས་རི་གནས་བཟང་མཇལ་བར་འགྲོ 歌词翻译《去洛扎》 翻过岗巴拉山,一直走向南方,大约百里之处,就是美丽洛扎。雪山库拉岗日, 哈达喜迎远客。神奇赛卡古托,传颂米拉道歌。 我们去洛扎,去幸福的旅游。 我们去洛扎,去转神山圣水。 普姆雍措湖边,伫立遥望南方,犹如松石宝地,那是美丽洛扎。圣地卡久古寺,胜似云中天堂。珠措白玛林湖,犹如地面镜子。 我们去洛扎,去幸福的旅游。 我们去洛扎,去转那神山圣水。