作词 : 扎西拉桑 作曲 : 东求 དེ་ཡོད་ན་གཤིས་བཟང་བུ་མོ་རེད།། ཚིག བཀྲ་ཤིས་ལྷ་སྲུང། དབྱངས དོན་ཆོས་ཕུན། གཞས་མ ཚུལ་ཁྲིམས་དབང་མོ། དྲིན་ཨ་མའི་བུ་མོ་མཛེས་སྒྲོན་མ།། ལག་ལས་ཀ་ཡོད་ན་ཀུན་གྱིས་བསྟོད།། གཟུགས་སྐྱེས་ལོའི་ཡག་ན་ཀུན་གྱིས་མགུ།། ནང་ན་ཟླའི་གྲལ་ནས་ངོ་སོ་མཐོ།། གནས་རྒྱུད་མེད་གཞན་སྒོ་འགྲིམ་པའི་ཚེ།། ཁོག་ཤེས་པ་མེད་ན་ཀུན་གྱིས་འཕྱ།། ངང་ཕྱི་ཐག་མེད་ན་ཀུན་གྱིས་ཁྲེལ།། གྲོགས་ཕུ་ནུ་ཁྲོད་ནས་ངོ་ཚ་ཉོ།། ཁྱིམ་བཟའ་ཚང་སྐྱིད་པའི་གཏམ་ཞིག་ཤོད།། རྒྱུད་བུ་ཕྲུག་ཕན་པའི་སློབ་གསོའི་ཐོང་།། མགྲོན་རྒྱུད་མེད་སྔོན་ནས་འཛུམས་ཀྱིས་བསུས།། དེ་ཡོད་ན་གཤིས་བཟང་བུ་མོ་རེད།། 勤奋而赞口不绝 因美丽善良的你 占手足之家风光 嫁出不熟的门家 若薄情会被取笑 若寡义会被嘲弄 受亲朋邻里嘲笑 说家庭和睦之言 行儿女有利教育 微笑面对所有人 如此是温性女儿