作词 : 次仁罗布 作曲 : 白玛丹增 编曲 : 西藏古调文化传媒/扎西才旦 录音 : 西藏古调文化传媒/扎西才旦 混音 : 西藏古调文化传媒/小巩 监制 : 西藏古调文化传媒 策划 : 徐雄光 出品 : 四郎贡布/索朗德吉 ནོར་བུ་གཅིག་དང་ནོར་བུ་གཉིས།། ཆབ་མདོ་ནོར་བུའི་ས་ཆ་ལ།། གཡས་ལ་ངོམ་ཆུ་སྔོན་མོ་རྒྱུག། གཡོན་ལ་རྫ་ཆུ་སྔོན་མོ་དྭངས།། ཆུ་དེ་ཆུ་སྣ་འཛོམས་པ།། ཆབ་མདོ་ནོར་བུའི་ས་ཆ་རེད།། མི་དེ་ངང་རྒྱུད་རིང་བ།། ཆབ་མདོ་ནོར་བུའི་ས་ཆ་རེད།། དེ་ནི་བུ་མོ་ང་ཡི་་སྐྱེས་སའི་ཕ་ཡུལ།། དེ་ནི་མཛེས་པའི་ཤར་ཕྱོགས་ནོར་བུའི་ས་ཆ།། དེ་ནི་བུ་མོ་ང་ཡི་་སྐྱེས་སའི་ཕ་ཡུལ།། དེ་ནི་ཆབ་མདོ་ནོར་བུའི་ས་ཆ་རེད།། དེ་ནི་ཆབ་མདོ་ནོར་བུའི་ས་ཆ་རེད།། ཡར་རྟོག་ཐོ་ཁ། མར་ཆུ་གཉིས་མདོ་།། དེ་ནི་མཛེས་པའི་ཕ་ཡུལ་ཆབ་མདོ་རེད།། ཡར་རྟོག་ཐོ་ཁ། མར་ཆུ་གཉིས་མདོ།། དེ་ནི་སྐྱིད་པའི་ཕ་ཡུལ་ཆབ་མདོ་རེད།། ནོར་བུ་གཅིག་དང་ནོར་བུ་གཉིས།། ཆབ་མདོ་ནོར་བུའི་ས་ཆ་ལ།། གཡས་ལ་སྟག་མ་རི་བོ་མཐོ།། ཤར་ལ་ཁྲ་རྒོད་རི་བོ་བརྗིད།། རི་དེ་རི་རྒྱུད་མང་བ།། ཆབ་མདོ་ནོར་བུའི་ས་ཆ་རེད།། མི་དེ་ངང་རྒྱུད་རིང་བ།། ཆབ་མདོ་ནོར་བུའི་ས་ཆ་རེད།། དེ་ནི་བུ་མོ་ང་ཡི་སྐྱེས་སའི་ཕ་ཡུལ།། དེ་ནི་མཛེས་པའི་ཤར་ཕྱོགས་ནོར་བུའི་ས་ཆ།། དེ་ནི་བུ་མོ་ང་ཡི་སྐྱེས་སའི་ཕ་ཡུལ།། དེ་ནི་ཆབ་མདོ་ནོར་བུའི་ས་ཆ་རེད།། དེ་ནི་ཆབ་མདོ་ནོར་བུའི་ས་ཆ་རེད།། དེ་ནི་བུ་མོ་ང་ཡི་སྐྱེས་སའི་ཕ་ཡུལ།། དེ་ནི་མཛེས་པའི་ཤར་ཕྱོགས་ནོར་བུའི་ས་ཆ།། དེ་ནི་བུ་མོ་ང་ཡི་སྐྱེས་སའི་ཕ་ཡུལ།། དེ་ནི་ཆབ་མདོ་ནོར་བུའི་ས་ཆ་རེད།། དེ་ནི་ཆབ་མདོ་ནོར་བུའི་ས་ཆ་རེད།། ཡར་སིལ་ཐོག་ཐང་། མར་རྟ་རྩྭ་ཐང་།། དེ་ནི་མཛེས་པའི་ཕ་ཡུལ་ཆབ་མདོ་རེད།། ཡར་སིལ་ཐོག་ཐང་། མར་རྟ་རྩྭ་ཐང་།། དེ་ནི་སྐྱིད་པའི་ཕ་ཡུལ་ཆབ་མདོ་རེད།། དེ་ནི་སྐྱིད་པའི་ཕ་ཡུལ་ཆབ་མདོ་རེད།།