ལ་མོ་གཅིག་རྒྱབ་གཉིས་རྒྱབ་ནས་ཕ་ཡུལ་ཇེ་དྲན་རེད། གངས་རི་རྩྭ་ཐང་རྟ་ནོར་ལུག་གསུམ་དྲན། མི་ཡུལ་ས་མཐའ་འཁྱམ་འཁྱམ་གཉིས་ལོ་ཟླ་ཇེ་རིང་རེད། ཕ་མ་གཉིས་པོའི་བྱམས་བརྩེ་ཡིད་ལ་འཁོར། གཞན་ཡུལ་གྲོང་ཁྱེར་མིག་ལ་མཛེས་ཀྱང་ཕ་ཡུལ་སེམས་ལ་དྲོ། གསེར་དང་དངུལ་གྱིས་ནམ་ཡང་ཉོ་མི་ཐུབ། ས་མཐའི་ཆང་གྲོགས་ཁ་ངོ་མཛེས་ཀྱང་སྐད་ཅིག་མགྲོན་པོ་རེད། སྤུན་དང་ཤག་པོའི་བརྩེ་བ་དེ་འགྱུར་མེད་རེད། དྲན་ཡ་དྲན་་་་་་་་་ངའི་ཕ་ཡུལ་དྲན། རྨི་ལམ་ནང་ཡང་དྲན། སེམས་པ་སྟོང་ལྷང་ལྷང་། དྲན་ཡ་དྲན་་་་་་་་་ངའི་ཕ་མ་དྲན། ཁ་བ་མར་མར་འབབ་དུས། ང་གཞན་ཡུལ་ལ་ཡོད། ལ་མོ་གཅིག་རྒྱབ་གཉིས་རྒྱབ་ནས་ཕ་ཡུལ་ཇེ་དྲན་རེད། གངས་རི་རྩྭ་ཐང་རྟ་ནོར་ལུག་གསུམ་དྲན། མི་ཡུལ་ས་མཐའ་འཁྱམ་འཁྱམ་གཉིས་ལོ་ཟླ་ཇེ་རིང་རེད། ཕ་མ་གཉིས་པོའི་བྱམས་བརྩེ་ཡིད་ལ་འཁོར། གཞན་ཡུལ་གྲོང་ཁྱེར་མིག་ལ་མཛེས་ཀྱང་ཕ་ཡུལ་སེམས་ལ་དྲོ། གསེར་དང་དངུལ་གྱིས་ནམ་ཡང་ཉོ་མི་ཐུབ། ས་མཐའི་ཆང་གྲོགས་ཁ་ངོ་མཛེས་ཀྱང་སྐད་ཅིག་མགྲོན་པོ་རེད། སྤུན་དང་ཤག་པོའི་བརྩེ་བ་དེ་འགྱུར་མེད་རེད། དྲན་ཡ་དྲན་་་་་་་་་ངའི་ཕ་ཡུལ་དྲན། རྨི་ལམ་ནང་ཡང་དྲན། སེམས་པ་སྟོང་ལྷང་། དྲན་ཡ་དྲན་་་་་་་་་ངའི་ཕ་མ་དྲན། ཁ་བ་མར་མར་འབབ་དུས། ང་གཞན་ཡུལ་ལ་ཡོད། དྲན་ཡ་དྲན་་་་་་་་་ངའི་ཕ་ཡུལ་དྲན། རྨི་ལམ་ནང་ཡང་དྲན། སེམས་པ་སྟོང་ལྷང་ལྷང་། དྲན་ཡ་དྲན་ཡ་་་་་་་་ངའི་ཕ་མ་དྲན། ཁ་བ་མར་མར་འབབ་དུས། དྲན་ཡ་དྲན་་་་་་་་་ངའི་ཕ་ཡུལ་དྲན། རྨི་ལམ་ནང་ཡང་དྲན། སེམས་པ་སྟོང་ལྷང་་། དྲན་ཡ་དྲན་་་་་་་་་ངའི་ཕ་མ་དྲན། ཁ་བ་མར་མར་འབབ་དུས། ང་གཞན་ཡུལ་ལ་ཡོད།