作词 : 丹真罗布Tenor གཙང་གཙང་། མི་ཚོགས་མང་པོའི་ཁྲོད་ནས་ཁྱེད་རང་ཧོབ་ཏེ་མཐོང་བྱུང་། རླུང་བུ་སིལ་སིལ་དེ་ཡིས་རང་གི་སྐྲ་ལོ་འགུལ་སོང་། བོད་ཆས་གཙང་གཙང་དེ་ནི་རང་ལ་རང་ལ་དི་འདྲའི་འཚམ་པ། ངའི་སེམས་པ་དྭངས་སིལ་སིལ། རང་ནི་ལྷ་མོ་མི་ཡུལ་བབས་པ་ནང་བཞིན་རེད་ཞག ལྷ་སའི་མཛེས་ལྗོངས་གིས་ཀྱང་ཁྱེད་རང་བསྡུར་ཐུབ་མ་སོང་། རང་གི་རྣམ་འགྱུར་དེ་ཡིས་ང་ཡིས་སེམས་པ་འཁྱེར་སོང་། ག་རེ་བྱས་པ་རེད། ངའི་སེམས་པ་དེ་ནི་ ཨོ་འེ་ཨོ་འེ་ཨོ། རང་གི་ཕྱོགས་ལ་ཕྱིན་སོང་། ཨོ་འེ་ཨོ་ཨེ་འོ། ཨ་ཙི་རང་དེ་འདྲའི་སྙིང་རྗེ་ལ། རང་གི་ཟུར་ལ་སླེབས་དུས་ཁྱེད་ལ་བལྟ་དགོས་ཤོར་སོང་། རང་གི་མཁུར་ཚོས་སྟེང་གི་མཛེས་སྐོང་ཆུང་ཆུང་མཐོང་སོང་། རང་གི་ཁ་ནས་དོན་པའི་བོད་སྐད་གཙང་གཙང་གོ་དུས། ཡིད་དབང་འཕྲོག་པ་ལ། འོ་ཨེ་འོ་ཨེ་ཨོ། བོད་ཀྱི་བུ་མོ་ལགས། འོ་ཨེ་འོ་ཨེ་ཨོ། ཨ་ཙི་རང་ལས་མཛེས་པ་མི་འདུག རང་གི་ཟུར་ལ་སླེབས་དུས་ཁྱེད་ལ་བལྟ་དགོས་ཤོར། རང་གི་མཁུར་ཚོས་སྟེང་གི་མཛེས་སྐོང་ཆུང་ཆུང་མཐོང་སོང་། རང་གི་ཁ་ནས་དོན་པའི་བོད་སྐད་གཙང་གཙང་གོ་དུས། ཡིད་དབང་འཕྲོག་པ་ལ། འོ་ཨེ་འོ་ཨེ་ཨོ། བོད་ཀྱི་བུ་མོ་ལགས། འོ་ཨེ་འོ་ཨེ་ཨོ། ཨ་ཙི་རང་ལས་མཛེས་པ་མི་འདུག བོད་སྐད་གཙང་གཙང་། བོད་ཆས་གཙང་གཙང་། རྣམ་པ་གཙང་གཙང་། གཤིས་རྒྱུས་གཙང་གཙང་། Hu La yi ye བོད་ཀྱི་བུ་མོ། Hu La yi ye ངའི་སེམས་ནང་བུ་མོ་སྙིང་རྗེ་ཤོས་ནི། བོད་ཆས་གཙང་གཙང་། བོད་སྐད་གཙང་གཙང་། རྣམ་པ་གཙང་གཙང་། གཤིས་རྒྱུས་གཙང་གཙང་། ང་ཚོ་བོད་ཀྱི་བུ་མོ།