作词 : DonRa•次旺/雪儿江村 作曲 : 雪儿江村 ང་ལ་ལྷག་པ་དྲན་གསོ་ཙམ། 仅剩的是回忆 作词:边次/雪儿江村 作曲:雪儿江村 编曲:雪儿江村 演唱:边巴次旺 ཁོང་གི་ཁ་མཁས་ཚིག་སྙན་དེ་ཚོ་ཡིས། 他用那些花言巧语 བརྩེ་གྲོགས་ཁྱེད་རང་ཁོང་དང་ཐད་གནང་སོང་ 你就跟着他走 བུ་ཆུང་ང་ཡི་ལྷད་མེད་བརྩེ་དུང་དེ། 我那份真挚的爱情 ནམ་མཁའི་འཇའ་བཞིན་གར་སོང་མེད་པར་འགྱུར། 如彩虹般消失不见 དེ་སྔོན་ཕྱིན་པའི་ལྕང་གླིང་གྲུ་བཞིའི་ནང་། 看到曾经走过的四条柳树 ད་ཆ་དྲན་གསོའི་དྲི་ཞིམ་གང་སར་འཐུལ། 现在的回忆飘香 བཀའ་སྡུག་མཉམ་མྱོང་ལོ་ཟླ་ཡིད་ལ་འཁོར་བའི་དུས་ 想到共患难时光 ཕྱིན་པའི་དུས་ཚོད་དེ་མ་འོངས་ཡིན་ན་བསམ་བྱུང་། 好想过去的时光是未来 ད་ཆ་རང་རང་སོ་སོའི་ལམ་བུར་འགྲོ་བའི་དུས་ 现在各走各的路 སྔོན་མའི་ཡིད་དགའི་གནས་ཚུལ་དྲན་བྱུང་། 想起了以前那种喜悦的情景 བུ་ངས་དྲན་གསོ་སེམས་ལ་ངེས་ནས། 我会带着回忆 ཁྱེད་ལ་བདེ་ཀྱིད་ཡོང་བའི་སྨོན་ལམ་འདེབས། 祝你永远幸福 ཆར་རླུང་འོག་ནས་ཁྱེད་དང་བྲལ་བའི་དུས་ 在风雨下离开你的时候 སེམས་སྡུག་ཆེ་ཡང་བྲལ་དགོས་ལས་ལ་བཀོད། 伤心难过,也该离去 དྲན་གསོ་ཙམ་ལས་མེད་པའི་ལམ་བུ་དེ་ཡི་སྟེང་། 在那条仅是回忆的道路上 ཁོང་དང་ཁྱེད་གཉིས་ལ་བདེ་སྐྱིད་ཡོང་བ་ཤོག 祝你和他幸福 ད་ཆ་རང་རང་སོ་སོའི་ལམ་བུར་འགྲོ་བའི་དུས། 现在各走各的路 སྔོན་མའི་ཡིད་དགའི་གནས་ཚུལ་དྲན་བྱུང་། 想起了以前那种喜悦的情景 བུ་ངས་དྲན་གསོ་སེམས་ལ་ངེས་ནས། 我会带着回忆 ཁྱེད་ལ་བདེ་སྐྱིད་ཡོང་བའི་སྨོན་ལམ་འདེབས། 祝你永远幸福 ཁྱེད་ལ་བདེ་སྐྱིད་ཡོང་བའི་སྨོན་ལམ་འདེབས། 祝你永远幸福