作词 : 塔巴甲 作曲 : 索当珠 女声:索朗达吉 བཀྲ་ཤིས་བཀྲ་ཤིས་དང་པོ།། ཐོ་རེངས་སྐར་ཆུ་ལེན་འགྲོ།། སྐར་ཆུ་ཇ་རུ་བསྐོལ་ནས།། ཁྱིམ་ལ་བཀྲ་ཤིས་བྱིན་ཆགས།། བཀྲ་ཤིས་བཀྲ་ཤིས་གཉིས་པ།། ཕྱེ་མར་ཆང་ཕུད་འབུལ་འགྲོ།། ཞལ་གྱི་སྨོན་ཚིག་བཟང་པོས།། ཞིང་ལ་བདེ་ལེགས་རང་འཁོར།། བཀྲ་ཤིས་ལོ་གསར་བཀྲ་རེ་ཤིས་པར་ཤོག། སྒང་པ་བོད་ལ་གཡང་རེ་ཆགས་པར་ཤོག། བཀྲ་ཤིས་བཀྲ་ཤིས་གསུམ་པ།། ཞོ་དང་འོ་མའི་མཆོད་ཁ།། ཞིམ་མངར་བཅུད་ཀྱིས་གཏམས་པས།། འབྲོག་ལ་ཁ་བྲོ་བཀྲ་ཤིས།། བཀྲ་ཤིས་བཀྲ་ཤིས་བཞི་པ།། སྤུན་ཟླ་དགའ་འཛོམས་དགོད་སྒྲ།། གླུ་དང་གར་གྱི་མཆོད་པས།། བོད་ལ་བསོད་ནམས་ཡར་འཕེལ།། བཀྲ་ཤིས་ལོ་གསར་བཀྲ་རེ་ཤིས་པར་ཤོག། སྒང་པ་བོད་ལ་གཡང་རེ་ཆགས་པར་ཤོག། བཀྲ་ཤིས་བཀྲ་ཤིས་དང་པོ།། ཐོ་རེངས་སྐར་ཆུ་ལེན་འགྲོ།། སྐར་ཆུ་ཇ་རུ་བསྐོལ་ནས།། ཁྱིམ་ལ་བཀྲ་ཤིས་བྱིན་ཆགས།། བཀྲ་ཤིས་བཀྲ་ཤིས་གཉིས་པ།། ཕྱེ་མར་ཆང་ཕུད་འབུལ་འགྲོ།། ཞལ་གྱི་སྨོན་ཚིག་བཟང་པོས།། ཞིང་ལ་བདེ་ལེགས་རང་འཁོར།། བཀྲ་ཤིས་ལོ་གསར་བཀྲ་རེ་ཤིས་པར་ཤོག། སྒང་པ་བོད་ལ་གཡང་རེ་ཆགས་པར་ཤོག། བཀྲ་ཤིས་ལོ་གསར་བཀྲ་རེ་ཤིས་པར་ཤོག། སྒང་པ་བོད་ལ་གཡང་རེ་ཆགས་པར་ཤོག། སྒང་པ་བོད་ལ་གཡང་རེ་ཆགས་པར་ཤོག། བཀྲ་ཤིས་ལོ་གསར་བཀྲ་རེ་ཤིས་པར་ཤོག། སྒང་པ་བོད་ལ་གཡང་རེ་ཆགས་པར་ཤོག། སྒང་པ་བོད་ལ་གཡང་རེ་ཆགས་པར་ཤོག།