ཁ་བའི་ལྗོངས་གི་བུ་ཕྲུག། ང་ཚོ་ཕོ་གཞོན་མོ་གཞོན་ཚོ། རང་རང་དགའ་བའི་གླུ་ཞིག་ལེན། མཛེས་པའི་ཕ་ཡུལ་བོད་ལྗོངས་ལེན། ལྷ་ས་ ཉིང་ཁྲི་ གཞིས་ཀ་རྩེ་ ནག་ཆུ་ ཆབ་མདོ་ མངའ་རིས་ལེན། ང་ཚོ་སྐད་མདངས་གཅིག་པ་མ་ཡིན་ཡང་བརྩེ་སེམས་དེ་གཅིག་པ་རེད། ཨ་རོགས་ཁམས་པས་ཁམས་གཞས་ཤིག་བཏང་། པི་ལྦང་སྒྲ་དེ་བསྙན་པ་ལ། སྒྲ་བསྙན་བཀྲ་ཤིས་རྒད་པོའོ། འགྲུར་ཁུག་དེ་བས་ཡིད་ལ་མཚར། བོད་ནི་གླུ་གར་གི་རྒྱ་མཚོ་རེད། ང་ཚོ་ནི་གཙོད་རྭ་རོལ་ཚོགས་ཡིན། རང་རང་དགའ་བའི་གླུ་ཞིག་ལེན། དེ་ནི་ཕ་ཡུལ་བོད་ལྗོངས་ལེན། རྐམ་པོ་ནས་ཀྱི་རྩམ་པའི་བྲོ་བ་བརྗེད་མི་སྲིད། དུས་གནམ་ཡང་བརྗེད་མི་སྲིད། ཡར་གླུང་གཙང་པོའི་ཆུ་མོ་རྒྱུག་གཞིན་རྒྱུག་གཞིན། དེ་ནི་ང་འཚོའི་ཁྲག་རྒྱུས་ཡིན། རྐམ་པོ་ནས་ཀྱི་རྩམ་པའི་བྲོ་བ་བརྗེད་མི་སྲིད། དུས་གནམ་ཡང་བརྗེད་མི་སྲིད། ཇོ་མོ་ལྷ་མོའི་གངས་ཆུ་ས་ལ་བབས་པས། སྐལ་བཟང་མེ་ཏོག་མཚར་བར་སྐྱེས།།