འཛམ་གླིང་ཉི་མ་སེར་པོ། མྱུར་དུ་ཤར་ན་བསམ་བྱུང་། སྐྱ་རིངས་དང་པོའི་ཕྱོགས་ལ། ང་ཡི་རེ་སྒུག་བྱས་ཡོད། ཡ་་་་་་ཡེ་་་་་་ བསོད་ནམས་སྒྲོན་ཆུང་ལ་ནས། ང་ཡི་རེ་སྒུག་བྱས་ཡ་རེ་ལོ། བཅོ་ལྔའི་དུང་ཟླ་དཀར་པོ། མཇལ་རྒྱུ་ཡོད་ན་བསམ་བྱུང་། སྤྲིན་དཀར་ལྷུང་ལྷུང་དབུས་སུ། ང་ཡི་མིག་ཟུར་གཏས་ཡོད། ཡ་་་་་་ཡེ་་་་་་ བསོད་ནམས་སྒྲོན་ཆུང་ལ་ནས། ང་ཡི་མིག་ཟུར་གཏས་ཡ་རེ་ལོ། {music} འོད་ལྡན་སྐར་ཚོགས་ཁྲ་མོ། ལྷན་དུ་འཛོམ་ན་བསམ་བྱུང་། ཨ་སྔོན་ནམ་མཁའི་དབྱིངས་སུ། ང་ཡི་སེམས་པ་འཁོར་ཡོད། ཡ་་་་་་ཡེ་་་་་་ བསོད་ནམས་སྒྲོན་ཆུང་ལ་ནས། ང་ཡི་སེམས་པ་འཁོར་ཡ་རེ་ལོ། ང་ཡི་སེམས་པ་འཁོར་ཡ་རེ་ལོ།