༺མ་འོངས་པའི་སྒྲོལ་མ།༻ གཞས་མ།ཁ་བའི་མེ་ཏོག། སྐལ་བཟང་གིས་བཟོས།༼ཤར་ཕྱོགས་དགེ་འོས་སློབ་ཆེན་ནས།༽ ཁེའུ་འཕྲིན ཨ་མ་འབོད་པའི་སྐྱིས་ཕྲུག་མ། འོ་མར་དགའ་བའི་ལོ་ལོ་ཁྱོད། ལས་དབང་གིས། ཀ་ཁ་སུམ་ཅུ་དབྱངས་ལ་འགུགས་བཞིན། མི་ཚེ་འདིར། ཤེས་རིག་གི་འོ་མ་འཐུང་བར་བྲེལ། གཅེས་ཕྲུག་མ། མ་འོངས་པའི་སྒྲོལ་མ། མཛའ་གྲོགས་འབོད་པའི་བཞིན་བཟང་མ། ལོ་ལོར་གཅེས་པའི་བྱམས་ལྡན་མ། ལས་དབང་གིས། ཟས་རིགས་གཡོ་སྦྱོར་ལས་ལ་བརྩོན་བཞིན། མི་ཚེ་འདིར། ཁྱིམ་གཞི་ལ་དྲོད་ཁོལ་སྐྱོང་བར་བྲེལ། བཞིན་བཟང་མ། མ་འོངས་པའི་སྒྲོལ་མ། ཨ་ཅག་ལགས་འབོད་པའི་དྲིན་ལྡན་མ། ཁྱིམ་གཞི་སྐྱོང་བའི་གཤིས་གཟང་མ། ལས་དབང་གིས།མ་ཎི་ཡིག་དྲུག་སེམས་ལ་སྦྱོར་བཞིན། མི་ཚེ་འདིར། མི་རབས་ལ་ཞི་བདེ་བསྐྲུན་པར་འབྲེལ། དྲིན་ལྡན་མ། མ་འོངས་པའི་སྒྲོལ་མ། ཨ་མ་འབོད་པའི་སྐྱིས་ཕྲུག་མ། འོ་མར་དགའ་བའི་ལོ་ལོ་ཁྱོད། ལས་དབང་གིས། ཀ་ཁ་སུམ་ཅུ་དབྱངས་ལ་འགུགས་བཞིན། མི་ཚེ་འདིར། ཤེས་རིག་གི་འོ་མ་འཐུང་བར་བྲེལ། གཅེས་ཕྲུག་མ། མ་འོངས་པའི་སྒྲོལ་མ། མི་ཚེ་འདིར། ཤེས་རིག་གི་འོ་མ་འཐུང་བར་བྲེལ། གཅེས་ཕྲུག་མ། མ་འོངས་པའི་སྒྲོལ་མ། གཅེས་ཕྲུག་མ། མ་འོངས་པའི་སྒྲོལ་མ།