༺ དྲིན་ཕ་ལོ་མ་ལོ། ༻ གཞས་པ། ཤེར་བསྟན། སྒྲིག་སྦྱོར་བ། བྱ་མདོ་དཔལ་མགོན་ཚེ་རིང་། གླེང་མོལ་ཨང་གྲངས། ༥༩༦༩༤༢༠༣༧ ࿄ ࿄ ࿄ ང་ད་ནངས་ཡུལ་ནས་ཡོང་དུས་སུ༎ དྲིན་ཕ་ལོ་ལངས་ནས་བསང་ཞིག་ཕུལ༎ ཡར་འཁོར་ནས་ལྷ་ལ་ཕྱག་གསུམ་འཚལ༎ ངག་འདར་བཞིན་ང་ལ་ཁ་བརྡ་བྱོས༎ ཨ་ཨ། ཕ་ལོ་མ་ལོ་ལགས། ངས་དྲན་པའི་ངག་གི་གླུ་ཆུང་འདི༎ ལོ་རྒས་བའི་ཕ་ལོ་ཁྱེད་ལ་ལེན༎ ་་་ ་་་ ང་ད་ནངས་ཡུལ་ནས་ཡོང་དུས་སུ༎ དྲིན་མ་ལོ་ལངས་ནས་ཇ་ཞིག་བསྐོལ༎ ངའི་སྙིང་གི་གཅེས་ཕྲུག་ཟེར་ཞོར་དུ༎ ཞེ་སྨྲེང་བའི་མིག་ཆུ་སེམས་ལ་ལྷུང་༎ ཨ་ཨ། ཕ་ལོ་མ་ལོ་ལགས། ངས་དྲན་པའི་ངག་གི་གླུ་ཆུང་འདི༎ དྲིན་མ་ལོ་ཁྱེད་ལ་སྐྱེས་སུ་ཕུལ༎ ་་་ ་་་ བུ་ང་རང་འདུག་ས་ས་མཐའ་རེད༎ ཙག་སེར་བུ་ནམ་ཡོང་ཆ་མེད་རེད༎ དགུང་ཉི་ཟླ་གཉིས་ཀ་མ་འཛོམས་ན༎ ཁྱིམ་བཟའ་ཁ་འཛོམས་པའི་བསྐལ་བ་མེད།། ཨ་ཨ། ཕ་ལོ་མ་ལོ་ལགས། ས་མཐའ་འདི་རུ་དབྱར་ཟླ་ཚེས་དུས་སུ༎ ངག་སྙན་མོ་རྟེན་འབྲེལ་རྒྱང་ནས་ཡོང་༎ ངག་སྙན་མོ་རྟེན་འབྲེལ་རྒྱང་ནས་ཡོང་༎