ལེགས་སོ་ལེགས། གླུ་བ། སམ་བྷོ་ཊ་ཚན་སྡེབ། མ་གཅིག་པང་ལ་བུ་གསུམ་འཁྲུངས། ས་བསོད་ནམས་ཆགས་སར་གཡང་གསུམ་འཁོར། བུ་གཅིག་རྒྱ་གར་ཡུལ་ལ་འགྲོ བསྟན་བཀའ་ཆོས་རང་ཡུལ་ལ་སྤེལ་རོགས་གནང་། བུ་གཅིག་བལ་པོའི་ཕྱོགས་ལ་འགྲོ ཚོང་གསེར་དངུལ་རང་ཡུལ་ལ་འཁྱེར་རོགས་གནང་། བུ་གཅིག་རྒྱ་ནག་ཕྱོགས་ལ་འགྲོ གཏམ་བཀའ་ཁྲིམས་རང་ཡུལ་ལ་འདྲེན་རོགས་གནང་། ཡོ་་་ཡོ་་་ བུ་གཅིག་གིས་ལ་ཡིག་གཅིག་ལ་གཅིག་མགོར་ལེན་ནོ། མི་གཉིས་ཀྱི་སེམས་པ་གཉིས་ཕྱོགས་གཉིས་མི་འགྲོའོ། མཆོགས་གསུམ་གྱིས་དུས་ཚིགས་གསུམ་དང་ཚེ་གསུམ་སྐྱོབ་བོ། ཕྱོགས་བཞི་ཡི་དཔོན་པོ་བཞི་ཡིས་ས་བཞི་དབང་ངོ་། འདོད་ལྔ་ཡི་དབང་པོ་ལྔ་ཐད་ལྔ་ནས་བཀུག་གོ རིགས་དྲུག་གི་ས་ཡི་དྲུག་ལ་ཡིག་དྲུག་གིས་མཆོད་དོ། ཆབ་བདུན་གྱི་མཆོད་པ་བདུན་མཆོད་བདུན་ཞིག་ཕུལ་ལོ། འདབ་བརྒྱད་ཀྱི་པད་མ་བརྒྱད་ཁ་ཕྱོགས་བརྒྱད་དར་རོ། སྤུན་མཆེད་འཆམ་མཐུན་ཡོང་རོགས་གནང་། ས་བཅུད་བཟང་གཡང་འཁོར་ཤོག