ཨ་རོགས་ཡ། སྟག་ལྷ་ཚེ་རིང་། གཞས་ཚིག་སྒྲིག་སྦྱོར། འོད་ཟེར། སྤྲིན་ཆུང་དཀར་པོ་ལྷོ་ནས་ཕེབས་བྱུང། ཨ་སྔོན་དགུང་ལ་བལྟས་ནས་ཡོངས། སྦྲང་ཆར་ས་ལ་འབབ་པའི་དུས། ཨ་རོགས་ཡ། སྟོན་གསུམ་འབྲས་བུ་སྨིན་དུས་རེད། སྤྲིན་ཆུང་དཀར་པོ་ལྷོ་ནས་ཕེབས་བྱུང། ཨ་སྔོན་དགུང་ལ་བལྟས་ནས་ཡོངས། སྦྲང་ཆར་ས་ལ་འབབ་པའི་དུས། ཨ་རོགས་ཡ། སྟོན་གསུམ་འབྲས་བུ་སྨིན་དུས་རེད། ཨ་རོགས་ཡ། སྤྲིན་ཆུང་དཀར་པོ་ལྷོ་ནས་ཕེབས་བྱུང་དགའ་བ་ལ། ང་ཡི་སེམས་པ་དགའ་བ་ལ་ཨ་རོགས་ཡ་སྐྱིད་པ་ལ། ཨ་རོགས་ཡ་སྐྱིད་པ་ལ། བྱ་ཆུང་ཁུ་བྱུག་ལྷ་ཤིང་རྩེ་ལ་བབས། གསུང་སྙན་མོ་སྤང་ནས་གྲགས་ལས་རེད། དབྱར་ཟླ་གསུམ་མེ་ཏོག་བཞད་པའི་དུས། ཨ་རོགས་ཡ། ང་ཡི་སེམས་པ་དགའ་བ་ལ། ཕྱོགས་བཞི་ནས་འཇོམས་པའི་གྲོགས་པོ་ཚོ། དགའ་དགའ་སྤྲོ་སྤྲོ་གནང་རོགས་ལ། ཆེ་རིང་ནད་མེད་ཡོང་བའི་བཀྲ་ཤིས་ཤོགས། ཨ་རོགས་ཡ་བཀྲ་ཤིས་ཤོགས། ཨ་རོགས་ཡ། དགའ་དགའ་སྤྲོ་སྤྲོ་གནང་དང་ཨ་རོགས་བཀྲ་ཤིས་ཤོགས། ང་ཚོ་སེམས་པ་དགའ་བ་ལ་ཨ་རོགས་ཡ་བཀྲ་ཤིས་ཤོགས། ཨ་རོགས་ཡ་བཀྲ་ཤིས་ཤོགས། ཨ་རོགས་ཡ། དགའ་དགའ་སྤྲོ་སྤྲོ་གནང་དང་ཨ་རོགས་བཀྲ་ཤིས་ཤོགས། ང་ཚོ་སེམས་པ་དགའ་བ་ལ་ཨ་རོགས་ཡ་བཀྲ་ཤིས་ཤོགས། ཨ་རོགས་ཡ་བཀྲ་ཤིས་ཤོགས།