བྱ་དེ་གནམ་ལ་འཕུར་སོང བྱ་གཅིག་གནམ་ལ་ཕུར་སོང་ སྒོ་ང་ས་ལ་ཟགས་སོང་་་གོ་ལོ་ སྒོ་ང་ས་ལ་ཟགས་སོང་ བྱ་ལ་དུངས་སེམས་ཡོད་ན་ བསྐོར་ར་གཡས་བསྐོར་སྐྱོན་དང་་གོ་ལོ་ བསྐོར་ར་གཡས་བསྐོར་སྐྱོན་དང ཤར་ཕྱོགས་རི་བོའི་རྩེ་ནས་ གསེར་གྱི་ཉི་མ་ཤར་བྱུང་་གོ་ལོ་ གསེར་གྱི་ཉི་མ་ཤར་བྱུང་ གསེར་གྱི་ཉི་མ་ཤར་ནས་ ཕོ་བྲང་ཕྱོགས་ལ་ཁྱབ་སོང་གོ་ལོ་ ཕོ་བྲང་ཕྱོགས་ལ་ཁྱབ་སོང་ ནུབ་ཕྱོགས་རི་བོའི་རྩེ་ནས་ གསེར་གྱི་རྒྱ་གླིང་གཏང་བྱུང་གོ་ལོ་ གསེར་གྱི་རྒྱ་གླིང་གཏང་བྱུང་ གཏོང་མཁན་སུ་ཡིན་མ་ཤེས་ ང་རང་སེམས་པ་དགའ་སོང་གོ་ལོ་ ང་ཡང་སེམས་པ་དགའ་བྱུང་