卡热山
歌词
|
རི་ལ་ཁ་ལག་རི་ཡི། |
|
རྩེ་མོ་ཡོར་ལ་གཟིགས་དང། |
|
རྩེ་མོ་གངས་ལ་བཅོལ་ཡོད། |
|
གངས་རི་ལ་ནི་དཀར་པོ། |
|
རི་འདི་ཁ་རག་རི་ཡི། |
|
སྐེད་པ་ཡར་ལ་གཟིགས་དང། |
|
སྐེད་པ་སྤང་ལ་བཅོལ་ཡོད། |
|
སྤང་གཞོང་ལ་ནི་བདེ་མོ། |
|
རི་འདི་ཁ་རག་རི་ཡི། |
|
རྩ་བ་འདི་ལ་གཟིགས་དང། |
|
རྩ་བ་མཚོ་ལ་བཅོལ་ཡོད། |
|
མ་ཕམ་ལ་ནི་གཡུ་མཚོ། |