རི་པོ་སྟག་མ་ལ་ཡི་ལ་གཤམ་ན། | |
རྫ་ཆུ་ངོམ་ཆུ་གཡུ་འབྲུག་ཁ་སྤྲོད་འདྲ། | |
ནོར་རྫས་གཏེར་ཟོག་གནོད་སྦྱིན་མཛོད་ལ་འགྲན། | |
ས་ཆ་སྐྱིད་པོ་ཆབ་མདོ་ས་ཁུལ་དྲན། | |
ཆུ་བོ་རྒྱལ་རྡུལ་ཆུའི་འགྱིང་ཁུག་ན། | |
རྫ་སྤང་གངས་སྟག་སེང་ཁྱུང་གསུམ་འདྲ། | |
དགོས་འདིད་ལོངས་སྤྱོད་ཀླུ་ཡི་ཕོ་བྲང་མཚུངས། | |
ས་ཆ་སྐྱིད་པོ་ནག་ཆུ་ས་ཁུལ་དྲན། | |
དབུས་གཙང་རི་ཆེན་བཞི་ཡི་བར་གསེང་ན། | |
ཇོ་ཤག་རྣམ་གསུམ་ཉི་ཟླ་སྐར་གསུམ་བཀྲ། | |
ཆོས་རིག་དགེ་མཚན་ལེགས་བྱས་འབུམ་གྱིས་ཕྱུག། | |
ས་ཆ་སྐྱིད་པོ་དབུས་གཙང་ཞིང་ཁམས་འདྲ། |